Multimedia Newsroom
Wednesday, 4 March 2020
Available in
  • ENG
  • CHI
  • BO

  • འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་བོད་དོན་སྙན་ཐོ།

    Feature
    Duration : 1m 30s
    རྒྱ་ནག་གཞུང་གིས་ “སྐད་གཉིས་སློབ་གསོ” ཡི་སྲིད་ཇུས་དེས་བོད་ཀྱི་སློབ་ཆུང་ཁག་ལ་བོད་སྐད་བསླབ་གཞིའི་སློབ་ཁྲིད་ནུས་མེད་དུ་
    གཏོང་བར་སྐུལ་འདེད་བྱེད་བཞིན་ཡོད་པའི་སྐོར་གྱི་སྙན་ཐོ་དེ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་དེ་རིང་འགྲེམ་སྤེལ་བྱས་ཡོད།
    བོད་རང་སྐྱོང་ལྗོངས་དང་དེ་མིན་གྱི་བོད་རིགས་ས་ཁུལ་ཁག་ལ་འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་སྲིད་ཇུས་དེ་ལག་ལེན་བྱས་ཏེ་བོད་ཡིག་སློབ་
    ཚན་ཕུད་དེ་མིན་སློབ་གྲྭའི་སློབ་གསོའི་གནད་རིམ་ཡོངས་སློབ་ཁྲིད་རྒྱ་སྐད་ཐོག་ནས་བྱེད་པར་འཕེལ་རྒྱས་བཏང་ཡོད།
     
    ཤོག་གྲངས་xxxཡོད་པའི་ “བོད་ནང་རྒྱ་ནག་གཞུང་གི་སྐད་གཉིས་སློབ་གསོའི་སྲིད་ཇུས་ཟེར་བ་དེས། བོད་ཡིག་གི་བསླབ་གཞིའི་མདུན
    ་ལམ་ལ་ཉེན་ཁ་ཕྲད་པ།” ཞེས་པའི་སྙན་ཐོ་འདིས་རྒྱ་ནག་གཞུང་གིས་བོད་ནང་སློབ་གསོའི་གོ་སྐབས་ཡར་རྒྱས་གཏོང་བ་ཡིན་ཁུལ་གྱི་
    ༼བོད་ནང་གྲངས་ཉུང་མི་རིགས་ཀྱི་༽་སློབ་གསོའི་ཐོབ་ཐང་ཉམས་གུད་དུ་བཏང་བར་ཞིབ་དཔྱད་བཏང་ཡོད། མངོན་གསལ་རྒྱས་བཅད་
    ཀྱི་སྐད་གཉིས་བུ་བཅོལ་ཁང་དུ་བོད་རིགས་ཀྱི་བྱིས་པ་རྣམས་རྒྱ་སྐད་སྦྱོང་དུ་འཇུག་པ་དང་། རང་ལོ་གསུམ་ནས་“མི་རིགས་མཐུན་སྒྲིལ་ཤུགས་
    གནོན་བྱེད་པ་”ཞེས་པའི་མིང་ཐོག་ནས་སྲིད་གཞུང་གི་ཆབ་སྲིད་དྲིལ་སྒྲགས་རྣམས་མྱོང་དུ་འཇུག་གི་ཡོད།སྲིད་ཇུས་འདི་དག་ནི་ཤིས་ཅིང་ཕིང་གི་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་ལ་“སིམ་འཛུལ”་བྱེད་པའི་སྲིད་ཇུས་ཞིག་དར་ཁྱབ་དུ་ཕྱིན་པ་མངོན་གྱི་ཡོད།